设为首页 | 加入收藏 | 联系我们
 
 
您现在的位置: 您当前的位置 : 青海统一战线民族宗教 宗教事务
青海省藏传佛教省级代表人士培训班开班(双语)
来源:
发布时间:2017-07-27 10:35:44
编辑:青海统一战线

  ༢༠༡༧ལོའི་ཞིང་ཆེན་རིམ་པའི་བོད་བརྒྱུད་ནང་བསྟན་འཐུས་ཚབ་མི་སྣའི་གསོ་སྦྱོང་ཐེངས་དང་པོའི་འཛིན་གྲྭ་ཞིང་ཆེན་ནང་བསྟན་སློབ་གླིང་དུ་བསྡུས།

  ཟླ༧པའི་ཚེས༡༨ཉིན།ཞིང་ཆེན་འཐབ་ཕྱོགས་གྱུར་པུའུ་ཡི་བཀོད་སྒྲིག་ལྟར།༢༠༡༧ཞིང་ཆེན་རིམ་པའི་བོད་བརྒྱུད་ནང་བསྟན་འཐུས་ཚབ་མི་སྣའི་གསོ་སྦྱོང་ཐེངས་དང་པོའི་འཛིན་གྲྭའི་ཡར་ཚོགས་ཚོགས་འདུ་བསྡུས།༼༢༠༡༧ནས་༢༠༢༡ལོར་མཚོ་སྔོན་བོད་བརྒྱུད་ནང་བསྟན་ལས་རིགས་མི་སྣའི་སློབ་གསོ་གསོ་སྦྱོང་འཆར་གཞི༽དང་ལོ་ལྔའི་གསོ་སྦྱོང་བྱེད་པའི་བཟོ་བཀོད་དངོས་སུ་འགོ་བརྩམས་ནས་ལག་བསྟར་བྱེད་བཞིན་ཡོད། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ།ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ།ཞིང་ཆེན་ནང་བསྟན་སློབ་གླིང་གི་གླིང་གཙོ་རིན་ཆེན་རྣམ་རྒྱལ་ལགས་ཀྱིས་འགོ་འཛིན་བྱས་པ་མ་ཟད་གཏམ་བཤད་གལ་ཆེན་གནངས།ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་པུའུ་ཡི་རྒྱུན་ལས་པུའུ་ཀྲང་གཞོན་པ།ཞིང་ཆེན་བོད་ཁུལ་གཞུང་ལས་ཁང་གི་ཀྲུའུ་རིན་ཞུགས་སྟེ་གཏམ་བཤད་གནང་།ཞིང་ཆེན་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་ནང་བསྟན་མཐུན་ཚོགས།སློབ་གླིང་གི་འབྲེལ་ཡོད་འགོ་ཁྲིད།ཚན་ཁག་སོ་སོའི་འགན་འཁུར་པ།ཡོངས་འཛིན་རྣམ་པ་བཅས་ཡར་ཚོགས་མཛད་སྒོར་ཞུགས།

  7月18日,根据省委统一安排,2017年第一期藏传佛教省级代表人士培训班在省藏语系佛学院举行开班典礼,标志着《2017—2021年青海省藏传佛教教职人员教育培训规划》及五年轮训工程正式启动实施。省政协副主席、省佛协会长、省佛学院院长仁青安杰主持典礼并讲话,省委统战部常务副部长、省藏区办主任吕刚出席典礼并讲话。省民宗委、省佛协、省佛学院有关负责人参加。

  ཞིང་ཆེན་ནང་བསྟན་སློབ་གླིང་གི་གླིང་གཙོ་རིན་ཆེན་རྣམ་རྒྱལ་ལགས་ཀྱིས་མཚམས་སྦྱོར་དང་དགའ་བསུ་ཤིས་ཚིག་ཞུ་བ།སློབ་གླིང་གི་འཕེལ་འགྱུར་དང་བསྐྱར་བཞེངས་སྐོར།ཐེངས་འདིའི་གསོ་སྦྱོང་ནི་ལོ་ལྔའི་གསོ་སྦྱོང་བྱེད་པའི་བཟོ་བཀོད་དངོས་སུ་འགོ་བརྩམས་ནས་ལག་བསྟར་བྱེད་བཞིན་ཡོད་པའི་ཐོག་མའི་གསོ་སྦྱོང་ཡིན་པ་དང་།ནང་བསྟན་ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་མཐུན་སྦྱོར་ཡོང་བའི་སྦྲེལ་ཐག་དམ་པོར་བཟུང་སྟེ།ནན་ཏན་སྒོས་ཆོས་ལུགས་ལས་རིགས་མི་སྣའི་རྒྱལ་དམངས་སློབ་གསོ་དང་།ཁྲིམས་ལུགས་སློབ་གསོ།ཆབ་སྲིད་སློབ་གསོ།རིག་གནས་སློབ་གསོ།ཆོས་ལུགས་སློབ་གསོ་སོགས་དམ་པོར་འཛིན་དགོས་པའི་རེ་བ་བཏོན།སློབ་མ་ཚོས་ཆབ་སྲིད་སློབ་གསོ་དང་ཁྲིམས་ལུགས་སློབ་གསོ་གཙོ་བོར་འཛིན་དགོས་པ་དང་།ཤེས་བྱ་སྣ་མང་གི་སྦྱང་བ་མཐར་ཕྱིན་བྱས་ཏེ།སྔར་ལས་ལྷག་པར་རང་ཉིད་དང་སྤྱི་ཚོགས་གཉིས་མཐུན་སྦྱོར་ཡོང་བར་རེ་བ་ནན་མོ་འཇོག་དགོས།རང་ཉིད་ཀྱི་ནུས་བ་དང་ཆུ་ཚད་འདོན་སྤེལ་བཟང་བོ་བྱས་ནས།ཀྲུང་གོ་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་ལ་ཡིད་རྟོན་དང་།ལམ་ལུགས་ལ་ཡིད་རྟོན།གཞུང་ལུགས་ལ་ཡིད་རྟོནབཅས་ཀྱི་ལམ་དུ་འགྲོ་བ་དང་།ཧུར་བརྩོན་སྒོས་འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་བསྐྲུན་པའི་ཐབས་ལམ་གསར་བ་བཏོད་དེ།རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་ནུས་ཤུགས་གང་ཡོད་འདོན་དགོས།

  仁青安杰简要介绍了在海南州贵德县异地新建的省藏语系佛学院,并指出,这次培训班是实施全省藏传佛教教职人员轮训工程的首期培训班,紧紧围绕引导藏传佛教与社会主义相适应这条主线,认真贯彻“加强对宗教教职人员的国民教育、法治教育、政治教育、文化教育、宗教教育”的要求,重点对学员进行政治教育和法治教育,拓宽知识视野,更新知识结构,进一步提升学员适应社会发展需求、发挥自身积极作用的能力和水平,坚定走中国特色社会主义的道路自信、制度自信、理论自信,努力为建设富裕文明和谐新青海、与全国同步建成全面小康社会贡献力量。

  གླིང་གཙོ་རིན་ཆེན་རྣམ་རྒྱལ་ལགས་ཀྱིས་ནན་གྱིས་བསྟན་དོན།གཅིག་ནས་ཐེངས་འདིའི་གསོ་སྦྱོང་བྱེད་པའི་དགོངས་དོན་ཤེས་དགོས་པ་མ་ཟད་ལག་བསྟར་དམ་འཛིན་བྱེད་དགོས།གཉིས་ནས་སྒྲིག་ལམ་ནན་སྲུང་དང་།དོ་དམ་བརྩི་འཇོག་བྱེད་པ།གསུམ་ནས་གོ་སྐབས་དམ་འཛིན་བྱས་ཏེ།སློབ་སྦྱོང་བཟང་བོ་བྱེད་དགོས།རྒྱལ་གཅེས་ཆོས་གཅེས་དང་།སྒྲིག་ཁྲིམས་བརྩི་སྲུང་།མདོ་སྔགས་ཟུང་སྦྲེལ་བྱས་ནས་མི་སྣ་འཇོན་ཐང་ཅན་གྱི་གྲྭ་བཙུན་བཟང་བོ་ཞིག་བྱེད་དགོས་ཞེས་བསྟན།

  仁青安杰强调,一要领会精神,抓好落实;二要严格纪律,服从管理;三要珍惜机缘,抓好学习,做一名爱国爱教、遵纪守法、显密兼通、博学识广的优秀僧才。

  པུའུ་ཀྲང་གཞོན་པ་ལུས་ཀང་གིས་བསྟན་དོན།ཐེངས་འདིའི་ཞིང་ཆེན་རིམ་པའི་འཐུས་ཚབ་མི་སྣའི་གསོ་སྦྱོང་འཛིན་གྲྭ་ནི་ནང་བསྟན་སློབ་གླིང་རྨ་འགྲམ་ཁྲི་ཀའི་ཡུལ་ནས་གསར་དུ་བཞེངས་པ་ནས་ཐེངས་དང་པོར་རྩ་འཛུགས་བྱས་ནས་བསྒྲུབ་པའི་རང་ཞིང་གི་ཆོས་ལུགས་འཐུས་ཚབ་མི་སྣའི་ཐུན་མོང་གི་གསོ་སྦྱོང་བྱེད་པ་ཡིན།རྣམ་པ་ཚོས་རང་རེའི་སློབ་གླིང་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱས་ཏེ།ང་ཚོས་མཉམ་གཅིག་དུ་སློབ་གླིང་འདི་བོད་བརྒྱུད་ནང་བསྟན་འཐུས་ཚབ་མི་སྣ་དང་ཚད་ལྡན་ཅན་དང་འཇོན་ཐང་ཅན་གྱི་གྲྭ་བཙུན་སྐྱེད་སྲིང་བྱེད་པའི་གནས་མཆོག་ཞིག་ཏུ་འགྱུར་དགོས།ཕྱོགས་ཡོངས་ནས་ཏང་གི་ཆོས་ལུགས་བྱ་བའི་རྨང་གཞི་བྱེད་ཕྱོགས་ངོས་འཛིན་ཟབ་མོ་ཐོབ་དགོས།ཧུར་བརྩོན་སྒོས་སྣེ་ཁྲིད་ཏེ་ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་དང་སྤྱི་ཚོགས་གཉིས་མཐུན་སྦྱོར་ཡོང་བ་བྱེད་པ་དང་།ཁྲིམས་བརྩི་སྡོམ་སྲུང་།རྒྱལ་གཅེས་ཆོས་གཅེས།འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་དགོས།

  吕刚指出,这次省级代表人士培训班,是在贵德异地新建的省佛学院建成投入使用后,第一次组织开展对我省宗教界代表人士的集中培训;希望大家关心佛学院,支持佛学院,共同办好佛学院,使之成为培养藏传佛教界代表人士和合格僧才的主阵地。要全面正确理解党的宗教工作基本方针,积极引导宗教与社会主义社会相适,守法持戒、爱国爱教,精进学修、弘扬佛法,发挥积极作用、建设和谐美丽青海。

  པུའུ་ཀྲང་གཞོན་པ་ལུས་ཀང་གི་རེ་བ་ནི།ཐེངས་འདིའི་གསོ་སྦྱོང་ལ་ཞུགས་པའི་སློབ་མ་རྣམ་པས་སྒྲིག་ཁྲིམས་བཅའ་ཡིག་སོ་སོ་ལ་བརྩི་སྲུང་ནན་མོ་བྱེད་པ།དགེ་རྒན་ལ་བརྩི་བཀུར།སློབ་སྦྱོང་ལ་ནན་ཏན་བྱེད་དགོས།ཞིང་ཆེན་ནང་བསྟན་སློབ་གླིང་གིས་དོ་དམ་ཐད་ཤུགས་སྣོན་དང་།ལམ་ལུགས་འཐུས་ཚང་དུ་གཏོང་བ།ཞིང་ཨུའི་རེ་བ་ལྟར༼མཚོ་སྔོན་ཞིང་ཆེན་བོད་བརྒྱུད་ནང་བསྟན་ལས་རིགས་མི་སྣའི་སློབ་གསོ་གསོ་སྦྱོང་འཆར་གཞི༽༼གཅིག་གྱུར་དྲུག༽༼འཆར་གཞི་གཏན་འཁེལ།གསོ་སྦྱོང་དུས་ཚོད།སློབ་མའི་ལག་དེབ།གཙོ་གནད་སློབ་དེབ།དཔྱད་ཞིབ་ཚད་ལྡན།འཁྲོལ་འཛིན་གནང་བ།༽ཐག་བཅད་ཡོད།ནང་བསྟན་སློབ་གླིང་དང་རང་ས་གནས་ཀྱི་སློབ་མའི་བར་འབྲེལ་འདྲིས་བཟང་བོ་བྱེད་དགོས།བསམ་བློ་དང་སྤྱོད་ལམ་གཅིག་སྡུད་སྒོས་ཞིང་ཆེན་ཏང་གི་ཚོགས་ཆེན་བཅུ་གསུམ་སྟེང་ཡོང་དགོས།

  吕刚要求,参训学员要严格遵守各项规章制度,尊重老师,认真学习;省佛学院要加强管理,健全机制,按照省委《青海省藏传佛教教职人员教育培训规划》“六个统一”(制定规划、培训时间、学员注册、重点教材、考核标准、颁发证书)要求,将“六个统一”具体化、系统化和可操作,进一步提高培训质量和培训效果。各市州带队人员要切实负起责任,加强与佛学院和本地区学员之间的沟通,及时了解掌握并解决学员在学习生活中遇到的困难和问题,确保培训班取得优异成绩。要原文传达学习省第十三次党代会精神,把思想和行动统一到省党代会的要求上来,并结合本地、本寺实际贯彻好落实好,带领宗教界和信教群众共同为实现党代会确定的宏伟蓝图做出藏传佛教界应有的贡献。

  སློབ་མའི་འཐུས་ཚབ་རྐང་ཚ་རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ།རྫོང་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་སེ་ར་མཁྱེན་པས་སློབ་མ་ཡོངས་ཀྱི་ཚབ་བྱས་ཏེ་གཏམ་བཤད་བྱས།

  学员代表、刚察县政协副主席、县佛协会长色拉嵌巴发言。

  ཐེངས་འདིའི་གསོ་སྦྱོང་འཛིན་གྲྭའིསློབ་མ་རྣམ་པ་ནི་ཞིང་ཆེན་དང་གྲོང་ཁྱེར༼ཁུལ༽དམངས་ཆེན།སྲིད་གྲོས་བསྐོ་འདེམས་བྱེད་པའི་བོད་བརྒྱུད་ནངབསྟན་འཐུས་ཚབ་མི་སྣ་དང་།ཞིང་ཆེན་དང་གྲོང་ཁྱེར༼ཁུལ༽གྱི་ནང་བསྟན་མཐུན་ཚོགས་ཚོགས་གཙོ་དང་ཚོགས་གཙོ་གཞོན་པ།སྤྲུལ་སྐུ་དང་མཁན་པོ། དགོན་པའི་དོ་དམ་ཨུ་ཡོན། བོད་བརྒྱུད་ནང་བསྟན་གྱི་འཐུས་ཚབ་མི་སྣ།རྒྱུན་ཨུ་ལས་འཛིན་བཅས་སྡོམ་པའི་མི་སྣ༡༦༠ཡོད།༢༠༡༧ལོའི་ཟླ༧ཚེས༡༦ཉིན་ཐོ་འགོད། ཟླ༧པའི་ཚེས༢༨བར་གྱི་ཉིན༡༢རིང་།ཐོ་འགོད་ཉིན༡དང་མཐར་ཕྱིན་མཛད་སྒོ་ཉིན༡ཡིན།ཕྱོགས་བསྡུས་ཟབ་སྦྱོང་ཉིན༡༣དང་འཆད་ཁྲིད་ཉིན༩དང་ཕྱེད་ཀའི་རིང་འཆད་ཁྲིད་༢༥ཡུལ་དངོས་སློབ་གསོ་ཉིན༡དང་ལུས་ཕུང་བརྟག་བཤེརཉིན༡ཡིན།ཁྲི་ཀའི་ཡུལ་ཕྱོགས། ཉིན་ལྟར་ཞོགས་པའི་དུས་ཚོད་བདུན་ནས་བརྒྱད་བར་ཚོགས་འཚོགས་རྒྱུ།ནང་བསྟན་གླེང་སྟེགས་ཐེངས་གསུམ་བཅས་ཡིན།གསོ་སྦྱོང་མཇུག་བསྡུས་རྗེས་རྩ་འཛུགས་གི་བཀོད་སྒྲིག་ལྟར་མཆོད་འཇལ་དུ་འགྲོ་བ།

  参加此次培训班的学员,为省、市(州)人大、政协任现职的藏传佛教代表人士,省、市(州)佛协现任会长、副会长、常务理事,按照《藏传佛教活佛转世管理办法》依法认定的活佛,符合《藏传佛教寺庙经师资格评定和聘任办法》和《青海省藏传佛教寺院堪布管理办法(暂行)》规定的经师(堪布),省级和谐寺院的民管会主任、副主任等,共计160人,是一期高规格、高层次、高标准的藏传佛教代表人士培训班。培训班集中培训13天,共安排90个课时,其中讲座8天半、25讲,讨论3个半天,现场教学和体检各一天,培训结束后将组织外出考察。

相关新闻↓
    [ 返回首页 ] [ 打印 ] [ 进入青新论坛 ] [ 关闭窗口 ]
   
  友情链接
 
中共中央统战部 | 中共重庆市委统战部 | 中共浙江省委统战部 | 中共江西省委统战部 | 中共山西省委统战部 | 中共河南省委统战部 | 中共河北省委统战部 | 中共湖北省委统战部
中共江苏省委统战部 | 中共陕西省委统战部 | 中共湖南省统战部 | 中共湖北省委统战部 | 中共福建省委统战部 | 中共广东省委统战部 | 中共西藏区委统战部
 
中共青海省委统战部主办 青海省国际互联网新闻中心 提供网络支持
本网站所刊登的各种新闻、信息和各种专题专栏资料,版权所有均为中共青海省委统战部,未经协议授权,禁止下载使用。